ས་བབ་ཡུལ་ལྗོངས་ནི། བོད་ཆོལ་ཁ་གསུམ་གྱི་ཆོལ་ཁུངས་ས་གནས་གང་ཞིག་དུ་འབུར་དུ་ཐོན་པའི་གནང་དེང་གི་རིག་གནས་ཀྱི་སྒྱུ་རྩལ་རྩ་ཆེན་དང༌། དགོན་སྡེ། ཡུལ་ལྗོངས། མཚོ་དང་མཚེའུ། གནས་རི་དང༌། རི་བོ་གྲགས་ཅན་སོགས་ཀྱི་ལོ་རྒྱུས་སོགས་འདྲ་པར་མཉམ་སྤྱར་གྱིས་འགྲེལ་བརྗོད་དང༌། ས་ངོས་ཀྱི་མཐོ་ཚད། འགྲིམ་འགྲུལ་ཀྱི་ལམ་ཁ་སོགས་ངོ་སྤྲོད་ཞུ་རྒྱུ་ཡིན།

གཡང་དྲུང་བོན་གྱི་བསྟན་པ་དང༌། ཆོས་རྒྱུད་ཁག་ཆེན་པོ་བཞིའི་བྱུང་བ།

གཡང་དྲུང་བོན་གྱི་བསྟན་པ་བྱུང་ཚུལ་བཤད་པ།

སྤྱིར་སྡེ་སྣོན་གསུམ་དར་བའི་སྔ་སྟས་སུ་བོན་སྒྲུང་ལྡེའུ་གསུམ་དར་བར་གྲགས་པས། མཚམས་འདིར་བོད་གངས་ཅན་གྱི་ལྗོངས་སུ་ཆོས་བརྒྱུད་གྲུབ་མཐའི་བྱུང་རིམ་སྨྲ་པ་ལས་གཡང་དྲུང་བོན་གྱི་བསྟན་པ་དར་སྔ་བའི་ཚུལ་མདོར་བསྡུས་ཙམ་བརྗོད་པར་བྱ་བ་ལ། བོན་གཞུང་ལས།  བསྐལ་པ་འདི་ལ་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་དུ། སྟོན་པ་གཙོ་མཆོག་ཀུན་བཟང་ནས་ཐང་མ་མེ་སྒྲོན་གྱི་བར་བཅོ་བརྒྱད་འབྱུང་ཟེར་བས། 

སོ་རུ་དར་རྒྱས་ནས།

ཆོས་རྒྱུད་ཁག་ཆེན་པོ་བཞིའི་བྱུང་བ།

སྔ་འགྱུར་གསང་སྔགས་རྙིང་མའི་བྱུང་བ།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ། རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང༌། བྲམ་ཟེ་ཤམ་ཀ་ར། བལ་པོའི་སློབ་དཔོན་ཤིའལ་མཉ྄ཛུ་རྒྱ་ནག་གི་སློབ་དཔོན་མཱ་ཧཱ་ཡཱ་ན་སོགས་སྤྱན་དྲངས་ནས་སྡེ་སྣོད་གསུམ་དང་རྒྱུད་ཀྱི་རིམ་པ་ཡང་མང་ཙམ་བསྒྱུར་ཞིང་བསྟན་པའི་སྲོལ་བཏོད་་་་་། 

བཀའ་བརྒྱུད་པའི་བྱུང་བ།

ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། ཟབ་པ་དང་རྒྱ་ཆེ་བའི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གདམས་ངག་སྙིང་པོར་དྲིལ་ནས་བླ་མའི་མན་ངག་བཞིན་དུ་ཐོས་བསམ་སྒོམ་པའི་རིམ་པས་ཚུལ་བཞིན་རྒྱུད་ལ་སྦྱོར་ཞིང༌། ཁྱད་པར་བརྗོད་བྲལ་ཕྱག་རྒྱ་ཆེན་པོའི་ལྟ་བ་་་་་།

དཔལ་ལྡན་ས་སྐྱ་བའི་བྱུང་བ་ནི།

མཚན་མཆོག་གསུམ་ལྡན་གྱི་གདུང་ལས་བྱུང་སྟེ། དེ་ཡང་འོད་གསལ་གནམ་ལྷ་གཡུ་རིང་བསིལ་ལྗོངས་སུ་བབས་པ་ནས་གཡའ་སྤང་སྐྱེས་བར་གདུང་རབས་ལྔ་ལ། ༡ ལྷ་རིགས་ཞེས་གྲགས། དེ་དང་སྲིན་པོ་འཁོན་བར་སྲས་གཅིག་འཁྲུངས་པ་འཁོན་བར་སྐྱེས་ནས་གདུང་རབས་བཅུའི་རིང་ལ་་་་། 

རི་བོ་དགེ་ལྡན་པའི་བྱུང་བ།

རི་བོ་དགེ་ལྡན་པ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནས་བྱུང་བ་ཡིན་ལ། འདི་ཉིད་ནི་རྣམ་འདྲེན་ཤཱཀྱ་སེངྒེས། འཇམ་དཔལ་རྩ་རྒྱུད་སོགས་མདོ་དང་རྒྱུད་སྡེ་རྣམས་ནས་ལན་གཅིག་མིན་པར་ལུང་བསྟན་པ་ལྟར། བོད་ཆེན་པོའི་ཡུལ་གྲུ་མདོ་སྨད་ཙོང་ཁའི་ཡུལ་དུ་་་་་།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས།

ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ངའི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས།

ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ངའི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས།

ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ངའི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས།

ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཤིག་ཡིན་ཕྱིན། རང་ཉིད་ཀྱི་ཆོས་ལུགས་དང་། མི་རིགས་ལ་དད་འདུན་དང་ཤ་ཚ། ལར་ཞིན་ཆེན་པོ་ཡོད་ངེས་པ་མ་ཟད། དེ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་རང་སྲོག་ཀྱང་བློས་གཏོང་སྲིད།

ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ངའི་ཞབས་འདྲེན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།