དངོས་མཚོན་རི་མོ།

  • བོད་ཀྱི་རྒྱ་དར་གྱི་འགྲེལ་བཤད།
  • བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་དེའི་མཚོན་དོན་ངོ་སྤྲོད།
  • རྒྱལ་སྲིད་སྣ་བདུན་གྱི་མཚོན་དོན།
  • བཀྲ་ཤིས་རྫས་བརྒྱད་ཀྱི་མཚོན་དོན།
  • འདོད་ཡོན་སྣ་ལྔའི་མཚོན་དོན།

རྩོམ་རིག་གླེང་སྟེགས།

  • བསམ་ཚུལ་བརྗེ་རེས།
  • བསླབ་བྱ་ཀུན་འདུས།
  • རིག་གཞུང་མི་ཉམས་གོང་སྤེལ།
  • སྤྱི་ཚོགས་འཕྲོད་བསྟེན།
  • ཡ་མཚན་དངོས་བྱུང་།

དམིགས་དོན་ཁ་ཕྱོགས།

            དེང་སང་འཛམ་གླིང་འདིར་ཚན་རིག་ཡར་རྒྱས་སུ་ཕྱིན་པ་དང་ཕྱོགས་མཚུངས། སྤྱི་ཚོགས་བྱིངས་ཀྱི་འཚོ་བའི་ཁོར་ཡུག་ཀྱང་ཉིན་རེ་ནས་ཉིན་རེར་སྣེ་མང་ཅན་དང་ཡར་རྒྱས་རང་བཞིན་ཅན་གྱི་ངོ་བོར་འཕོ་འགྱུར་འགྲོ་བཞིན་ཡོད། འཛམ་གླིང་འདིར་ཚན་རིག་རིག་གནས་འདི་ཅི་ཙམ་ཡར་རྒྱས་ཕྱིན་པ་དེ་འབྲེལ་གྱིས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བ་ཡང་འཕེལ་རྒྱས་དང་བྲེལ་ཟིང་གི་ངོ་བོར་འགྱུར་བཞིན་ཡོད།

            དེ་ན་ང་ཚོས་དུས་རབས་དང་བསྟུན་ནས་བོད་ཡིག་གི་དྲ་རྒྱ་ཇུས་འགོད་དང་། བོད་ཡིག་གི་དྲ་ངོས་བེད་སྤྱོད་བྱེད་པ་ནི་རིག་གཞུང་ཞིབ་འཇུག་དང༌། གནས་ཚུལ་མཁོ་སྤྲོད། དཔལ་འབྱོར་འཕེལ་རྒྱས། ཉམས་མྱོང་བརྗེ་རེས་བཅས་ལ་མྱུར་ཚད་དང་སྤུས་ཚད་གཉིས་ཐད་ནས་ཕན་ནུས་སླེབས་པར་ཚད་གཞི་ངེས་ཅན་གྱི་དམིགས་བསལ་ལྡན་པ་ཞིག་དང་མེད་དུ་མི་རུང་བ་ཞིག་ཆགས་ཡོད།

            བོད་ཀྱི་རིག་གཞུང་ནི་འཛམ་གླིང་སྟེང་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱད་དུ་འཕགས་པ་ཞིག་ཡིན་ཅིང༌། རིག་གཞུང་འདིས་འཛམ་གླིང་ཡོངས་ལ་ཞི་བདེའི་ཚེ་སྲོག་བསྐྲུན་པར་འབུར་ཐོན་ནུས་ལྡན་གྱི་ཞབས་འདེགས་ཞུ་བཞིན་པར་བརྟེན། འཛམ་གླིང་ཡུལ་ལུང་འདྲ་མིན་ནང་བོད་ཀྱི་ནང་ཆོས་ཤེས་རྟོགས་དང་ཞིབ་འཇུག་གི་གཞི་རྒྱ་ཆེ་རུ་འགྲོ་བཞིན་པར་མ་ཟད། ཉམས་ལེན་དང་སློབ་སྦྱོང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད།

            དེ་ན་འདི་ག་ཡོ་རོབ་བོད་ཡིག་དྲ་ངོས་ནས་དེའི་ཞབས་འདེགས་སུ་དམིགས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་སོགས་དང་འབྲེལ་བའི་སྲོལ་རྒྱུན་རི་མོ། དེང་རབས་འདྲ་པར་དང་རི་མོ་སོགས་རིག་གཞུང་སྡེ་ཚན་ཞིག་གི་ངོ་བོར་བཞག་སྟེ། དེ་དག་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་གཞོགས་འདེགས་སུ་དམིགས་ཏེ་ཡོ་རོབ་བོད་ཡིག་དྲ་ངོས་ཞེས་པ་འདི་གསར་དུ་ཇུས་འགོད་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་དམིགས་བསལ་དོན་གཉེར་ཅན་དང༌། ཉམས་ཞིབ་གནང་མཁན་དག་ལ་དེ་འབྲེལ་གྱི་གནས་ཚུལ་མཁོ་སྤྲོད་དང་། བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་གི་གཞི་རྒྱ་ཆེར་བསྐྱེད་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོའི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ་ནི་འདི་གའི་ལས་འཆར་གྱི་དམིགས་དོན་ཁ་ཕྱོགས་ཡིན།

 

 

 

 

བོད་ཀྱི་རིག་གཞུང་ནི་འཛམ་གླིང་སྟེང་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱད་དུ་འཕགས་པ་ཞིག་ཡིན་ཅིང༌། ལྷག་པར་དུ་བོད་ཀྱི་ནང་བསྟན་རིག་གཞུང་འདིས་འཛམ་གླིང་ཡོངས་ལ་ཞི་བདེའི་ཚེ་སྲོག་བསྐྲུན་པར་འབུར་ཐོན་ནུས་ལྡན་གྱི་ཞབས་འདེགས་ཞུ་བཞིན་པར་བརྟེན། འཛམ་གླིང་ཡུལ་ལུང་འདྲ་མིན་ནང་བོད་ཀྱི་ནང་ཆོས་ཤེས་རྟོགས་དང་ཞིབ་འཇུག་གཞི་རྒྱ་ཆེ་རུ་འགྲོ་བཞིན་པར་མ་ཟད། ཉམས་ལེན་དང་སློབ་སྦྱོང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད།  བོད་ཀྱི་སྐད་ཡིག་འདི་འཛམ་གླིང་སྟེང་མ་སྟོང་ཙམ་ནས་སྐྱར་དུ་སླར་གསོ་བྱུང་བཞིན་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་བསྟན་རིག་པའི་གཞུང་ལུགས་རིན་པོ་ཆེ་འདིས་འཛམ་གླིང་ཡོངས་ལ་ཞི་བདེའི་ཚེ་སྲོག་བསྐྲུན་པར་འབུར་ཐོན་ནུས་ལྡན་གྱི་ཞབས་འདེགས་ཞུ་བཞིན་པའི་བཀའ་དྲིན་རང་ཡིན།  མུ་མཐུད་དུ་གཟིགས་རོགས།

འདི་ག་ཡོ་རོབ་བོད་ཡིག་དྲ་ངོས་ནི་རེབ་གོང་འཇིགས་མེད་ལགས་ཀྱིས་ཡོ་རོབ་སྦེལ་ལྗམ་དུ་སྒེར་ངོས་ནས་ལས་ཞོར་དུ་ཆེད་གཉེར་བྱེད་འགོ་བཙུགས་མ་ཐག་པའི་ “་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་གི་གཞི་རྒྱ་ཆེར་བསྐྱེདཀྱི་སྤྱི་ཚོགས་ཞབས་ཞུའི་དྲ་ངོས་གསར་པ་ཞིག་ཡིན་པ་དང་། ཁོང་གིས་དམིགས་ཡུན་ངེས་ཅན་ཞིག་གི་འོག་དུས་ཡུན་རིང་པོ་ནས། ཕྱི་ལོ་ ༢༠༠༡ ནས་རྡ་སར་བསྟེན་གཞི་བྱས་པའི་སྣ་འཛོམས་ཤེས་ཡོན་ར་བའི་གཙོ་འགན་བཞེས་པའི་སྐབས་དང་། རྗེས་སུ་སྣ་འཛོམས་ཤེས་ཡོན་ར་དེ་ཕྱི་ལོ་ ༢༠༠༤ ལོར་བོད་ཀྱི་བདེ་རྩའི་ Tibet Charity ཆ་ཤས་སུ་ཟླ་སྒྲིལ་བའི་སྐབས་ནས་བཟུང་རང་རྐྱ་འཕེལ་བའི་བོད་ཡིག་གི་དྲ་ངོས་ཇུས་འགོད་ཆེད་སྦྱོང་གི་རྨི་ལམ་གང་མང་རྨིས་ཏེ། ད་ལྟ་དངོས་སུ་རྨི་ལམ་གྱི་ཞིང་ཁམས་ནས་ཕྱིར་མངོན་འགྱུར་བྱུང་པའི་དྲ་ངོས་གསར་པ་ཞིག་ཡིན།

ཁོང་གིས་དུས་ཡུན་རིང་པོ་ནས་ལས་རིམ་འདིར་དམིགས་ཡུན་ངེས་ཅན་ཞིག་གི་འོག་རྒྱུ་ཆ་འཚོལ་སྒྲུབ་ཀྱིས་ལས་རིམ་འདི་མགོ་འཛུགས་གནང་ཡང་། འོན་ཀྱང་ལས་ཀའི་དུས་ཚོད་དང༌། བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་གི་གཞི་རྒྱ་དང་། གླེང་ཕྱོགས་ཀྱི་གནོན་ཤུགས། དཔལ་འབྱོར་གྱི་མཐུན་རྐྱེན་སོགས་ཕྱོགས་ཡོངས་ནས་དཀའ་ངལ་མི་ཉུང་བ་ཞིག་གིས་ད་བར་རྨི་ལམ་གྱི་ཞིང་ཁམས་ནས་ཕྱིར་དངོས་སུ་མངོན་འགྱུར་བྱུང་མ་ཐུབ་པ་ནི་ལས་གཞིའི་འབྲེལ་བའི་རྒྱུད་རིམ་ཙམ་ཡིན།

ཡིན་ནའང་འདི་ནས་སེམས་ཚོར་དྲག་པོ་དང་། ངང་རྒྱུད་རིང་པོས་མུ་མཐུད་དུ་དྲ་ངོས་ཀྱི་རྒྱུ་ཆ་འཚོལ་སྒྲུབ་དང་། ཞུས་དག་དང་རྩོམ་སྒྲིག་གི་ལས་རིམ། དྲ་ངོས་ཀྱི་སྤུས་ཚད། ནང་དོན་སོགས་གང་ལེགས་ཡོང་ཐབས་སུ་འབད་པ་ལྷུར་ལེན་གྱིས། བོད་ཀྱི་ཆོས་ལུགས་དག་གི་བྱུང་རིམ་དང༌། ལྷ་སྲུང་ཁག་དང་དེའི་ངོ་བོ། ཆོས་ལུགས་མི་སྣའི་ལོ་རྒྱུས་དང་། སྲོལ་རྒྱུན་གོམས་སྤྱོད། ཆས་གོས་རིག་གནས། ཡུལ་སྲོལ་གོམས་གཤིས། ས་བབ་ཡུལ་ལྗོངས། དངོས་མཚོན་རི་མོའི་པར་རིས་སོགས་རིག་གཞུང་སྡེ་ཚན་ཞིག་གི་ངོ་བོར་བཞག་སྟེ་འདི་ག་ཡོ་རོབ་བོད་ཡིག་དྲ་ངོས་སུ་ཆེད་འགོད་བྱ་བཞིནརྒྱུ་ཡིན།

འདི་ག་ཡོ་རོབ་བོད་ཡིག་དྲ་ངོས་ནས་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམ་གཤིས། གནའ་དེང་གི་སྲོལ་རྒྱུན་རི་མོ་སོགས་མི་ཉམས་གོང་སྤེལ་དང༌། ཉམས་པ་སླར་གསོ་ཡོང་བའི་གཞོགས་འདེགས་སུ་དམིགས་ཏེ་བོད་ཡིག་དྲ་ངོས་ཀྱི་ལས་རིམ་འདི་མགོ་འཛུགས་ཞུས་ཟིནཔ་དང་། འདི་གའི་དྲ་ངོས་ལས་རིམ་གྱི་རྒྱུད་རིམ་ཁྲོད། བོད་ཀྱི་རིག་གཞུང་ཞིབ་འཇུག་ཆེད་ལས་མཁས་པ་དང༌། ལོ་རྒྱུས་ཀྱི་མཁན་པོ། གཞན་ཡང་གནའ་དེང་གི་སྲོལ་རྒྱུན་རི་མོའི་རིག་གནས་ཆེད་ལས་སྒྱུ་རྩལ་པ་ཁག་གི་བརྩམས་ཆོས་མི་ཉུང་བ་ཞིག་འདི་ནས་བོད་ཀྱི་རིག་གཞུང་སླར་གསོའི་དགོས་དངོས་ཆེད་བེད་སྤྱོད་བྱེད་རྒྱུར་ངེས་ན་བདག་དབང་བྱེད་པོ་ལ་ཐད་ཀར་འབྲེལ་གཏུགས་བྱ་ཐབས་མ་ཡོང་པའི་རིགས་ལ་དམིགས་བསལ་གྱིས་དགོངས་སེལ་ཞུ་རྒྱུ་དང༌།

བོད་ཀྱི་རིག་གཞུང་ཞིབ་འཇུག་དང་སླར་གསོའི་ལས་དོན་གཉེར་མཁན་ཆེད་ལས་མཁས་པ་དང༌། རིག་གཞུང་ཞིབ་འཇུག་སྡེ་ཚན་ཁག་གི་ཆེད་ལས་ཞིབ་འཇུག་པ། གཞན་ཡང་བོད་ཀྱི་དཔེ་སྐྲུན་སྡེ་ཚན་ཁག་དང། རྩོམ་སྒྲིག་པ་ལྷན་རྒྱས་ནས་འདི་ག་ཡོ་རོབ་བོད་ཡིག་དྲ་ངོས་ཀྱི་ལས་རིམ་ལ་རྒྱབ་སྐྱོར་དང་། རྒྱུ་ཆ་མཁོ་འདོན། ལས་གཞི་ཡར་རྒྱས་དང་། དམིགས་ཐོག་ཤར་བསྐྱོད་ཐུབ་པར་ཕྱར་གྲུ་མཉམ་འདེགས་གནང་སྐྱོང་ཡོང་བའི་དགོངས་འཆར་ལམ་སྟོན་གྱི་སྣེ་དྲངས་པའི་བཀའ་སློབ་དང་ལམ་སྟོན་གང་མང་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་བཅས།

གུས་པ་དང་བཅས་ཡོ་རོབ་བོད་ཡིག་དྲ་ངོས་ནས། ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༢ པའི་ཚེས་ ༡ ལ།

བསམ་ཡས་གཙུག་ལག་ཁང་།

བོད་ཀྱི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རི་འདབས་ཤིག་ན་གནས་ཤིང་། བསམ་ཡས་གཙུག་ལག་ཁང་གི་རྒྱས་མིང་དུ་དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཞུ་བ། དེ་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་།

བསམ་ཡས་གཙུག་ལག་ཁང་།

བོད་ཀྱི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རི་འདབས་ཤིག་ན་གནས་ཤིང་། བསམ་ཡས་གཙུག་ལག་ཁང་གི་རྒྱས་མིང་དུ་དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཞུ་བ། དེ་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་།

བསམ་ཡས་གཙུག་ལག་ཁང་།

བོད་ཀྱི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རི་འདབས་ཤིག་ན་གནས་ཤིང་། བསམ་ཡས་གཙུག་ལག་ཁང་གི་རྒྱས་མིང་དུ་དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཞུ་བ། དེ་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་།

བསམ་ཡས་གཙུག་ལག་ཁང་།

བོད་ཀྱི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རི་འདབས་ཤིག་ན་གནས་ཤིང་། བསམ་ཡས་གཙུག་ལག་ཁང་གི་རྒྱས་མིང་དུ་དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཞུ་བ། དེ་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་།

དྲ་ངོས་ཇུས་འགོད་དང་གཙོ་སྐྱོང་པ།

བོད་ཀྱི་སྐད་ཡིག་འདི་འཛམ་གླིང་སྟེང་མ་སྟོང་ཙམ་ནས་སྐྱར་དུ་སླར་གསོ་བྱུང་བཞིན་པ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་བསྟན་རིག་པའི་གཞུང་ལུགས་རིན་པོ་ཆེ་འདིས། འཛམ་གླིང་ཡོངས་ལ་ཞི་བདེའི་ཚེ་སྲོག་བསྐྲུན་པར་འབུར་ཐོན་ནུས་ལྡན་གྱི་ཞབས་འདེགས་ཞུ་བཞིན་པའི་བཀའ་དྲིན་ཡིན།

དྲ་ངོས་ཆེད་ལས་ཇུས་འགོད་པ།

འཇིགས་མེད།

Mr. Jigme Tenzin

Site editor, and designer

Contact Hours

M-F: 8am – 4pm Weekends

Phone & Email

0485919940 amdojigme@yahoo.com